སྙིང་གི་བུ་མོ།
གཞས་པ།གདུགས་དཀར་ཡག
གཞས་ཚིགསྨན་ལ་སྐྱབས།
གཞས་ཚིག་སྒྲིག་བཟོ།རྩེ་ཁོག་ཀརྨ་བདུད་འདུལ།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
ཚེ་གང་གཏན་གྲོགས་ཨེ་ཡོང་།
ཡིད་ཀྱི་ཟུར་ལ་མེད་ཀྱང་།
ལན་གཅིག་འགྲོགས་པའི་བརྩེ་དུང་།
རུས་པའི་རྐང་ལ་ཟུག་སོང་།
སེམས་གཅོང་གནང་བའི་བུ་མོ།
ཚེ་གང་གཏན་གྲོགས་ཨེ་ཡོང་།
ཉིན་མོའི་རེ་བ་ཁྱོད་ཡིན།
མཚན་མོའི་རེ་བ་ཁྱོད་ཡིན།
དྲན་པའི་སྒོ་མོ་བརྒྱབ་ཀྱང་།
སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་།
ཉིན་མོའི་རེ་བ་ཁྱོད་ཡིན།
མཚན་མོའི་རེ་བ་ཁྱོད་ཡིན།
དྲན་པའི་སྒོ་མོ་བརྒྱབ་ཀྱང་།
སྤྱན་གྱི་གཟིགས་ཕྱོགས་དྲན་བྱུང་།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
ལྕམ་དང་གདུང་མ་གཤིབ་འདྲ་།
སྔོན་བསྐོས་ལས་འཕྲོ་མེད་ཀྱང་།
བསྐལ་བ་སྟོང་གི་དྲན་ཤིང་།
ཆུང་འདྲིས་སྙིང་གི་ཚེར་མ།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
ཁྱོད་རང་སྐྱིད་ཀྱང་བདེ་བའི།
སྨོན་ལམ་སྙིང་ནས་བཏབ་ཡོད།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
ཁྱོད་རང་སྐྱིད་ཀྱང་བདེ་བའི།
སྨོན་ལམ་སྙིང་ནས་བཏབ་ཡོད།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
སེམས་པ་སོང་བའི་བུ་མོ།
སེམས་གཅོང་གནང་བའི་བུ་མོ།
0 Questions
Ask a Question
Your email address will not be published.